Saturday, June 19, 2021

Guru Rinpoche’s Day (10th day of 5th lunar month) 20th June 2021



Tomorrow is Guru Rinpoche’s Day 

 

On the tenth day of the fifth month (in history), the tīrthikas of southern India causedgreat harm to the teaching of Buddha, through vast display of magical powers. But our Guru Rinpoche smashed them to dust along with their gods and guardians, and raised the victory banner of the teaching of the Buddhas. Guru manifestoed as Guru Sengé Dradok.

 

In the fifth month, if you pray to Guru Rinpoche all harm from obstacles, enemies and döns is pacified, and the objects of your wishes are brought under your control.

 

Today we are very fortunate to get access to yet another Mind Terma of HE Terton Mingjur Dorje Yantse Trulku Trashi Palden (14years old), Guru Rinpoche’s Soldep.  Trulku Rinpoche has shared to me.

 

These profound new prayers meant for the 10th Day if recited will bring immense blessing to you and to all sentient beings. New Termas are very effective to current era.



རྣལ་སྨྱོན་ཁྲག་འཐུང་རྒན་པོས་མཛད་ཅིང་ གཡང་རོང་ཤེལ་བུམ་ནག་པོས་ཡི་གེར་བཏབ་པའི

༄༅། །གུ་རུའི་གསོལ་འདེབས་ཡིད་བཞིན་ནོར་བུའི་ཕྲེང་མཛེས་བཞུགས་སོ། །།འཆི་མེད་ཚོགས་ཀྱི་རོལ་གར་ཡང་ཟེར།

ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
སྙིགས་དུས་འདྲེན་མཛད་བླ་མ་པདྨ་འབྱུང་།
།རིག་འཛིན་སྟོང་གི་གཙུག་ཏུ་འཁོར་བསྒྱུར་དབང་།
།རྒྱ་བོད་མོན་གསུམ་གདུལ་བྱ་རིས་མེད་བསྐྱང་།
།རྒྱལ་ཀུན་འདུས་པའི་སློབ་དཔོན་ཉིད་ལ་འདུད།
 
།ངོ་མཚར་པདྨ་ལས་ནི་རབ་འཁྲུངས་ཤིང་།
།རྡོ་རྗེའི་སྐུ་རྫོགས་འཆི་བའི་ཚོགས་ཀུན་ཕམ།
།སངས་རྒྱས་གཉིས་པ་འགྲོ་བའི་མགོན་པོ་སྟེ།
།བླ་མ་པད་འབྱུང་ཞབས་ལ་གསོལ་བ་འདེབས།
 
།ཤར་སྟོད་བདེ་ཆེན་འཁྱིལ་བའི་སྤྱི་རྫོང་དུ།
།བདུད་བཞིའི་ཚོགས་བཅོམ་རྡོ་རྗེ་ཐོད་ཕྲེང་རྩལ།
།མི་གཡོ་ཧེ་རུ་ཀ་དཔལ་རྒྱན་གྱིས་མཛེས།
།ཤར་ཕྱོགས་འདུལ་བའི་གཉེན་ལ་གསོལ་བ་འདེབས།
།ཤར་སྨད་དྷ་ན་ཀོ་ཤའི་མཚོ་གླིང་དུ།
།བདེ་སྟོང་གཉིས་མེད་མཚོ་སྐྱེས་རྡོ་རྗེ་འཆང་།
།རབ་མཛེས་རིན་ཆེན་རུས་པའི་རྒྱན་དང་ལྡན།
།ཨོ་རྒྱན་ཡུལ་ཁམས་འདྲེན་ལ་གསོལ་བ་འདེབས།
།ཤར་མཚམས་ཡང་དག་དཔལ་གྱི་དཀྱིལ་འཁོར་དུ།
།གདུག་པ་རབ་འདུལ་རྒྱལ་བ་བདེ་བཞིན་གཤེགས།
།རྡོ་རྗེ་མངོན་རྫོགས་པདྨ་རྒྱལ་པོ་སྟེ།
།རིག་འཛིན་གྲུབ་པའི་གཙོ་ལ་གསོལ་བ་འདེབས།
 
།ལྷོ་སྟོད་འཇིགས་མེད་འབར་བའི་ཞིང་ཁམས་སུ།
།དུག་ལྔ་རྣམ་དག་རཏྣ་ཐོད་ཕྲེང་རྩལ།
།གཤིན་རྗེ་གཤེད་མཚན་ཉི་ཟླ་ཡོངས་རྫོགས་སྐུ།
།ལྷོ་ཕྱོགས་འདུལ་བའི་སྟོབས་ལ་གསོལ་བ་འདེབས།
།ལྷོ་སྨད་བསིལ་བའི་ཚལ་གྱི་དུར་ཁྲོད་དུ།
།རྣལ་འབྱོར་རྒྱལ་པོ་ཉི་མའི་འོད་ཟེར་དབང་།
།སྟོབས་ཤུགས་ཐོགས་མེད་རྩ་རླུང་བདེ་ཆེན་བརྙེས།
།བརྟུལ་བཞུགས་སྤྱོད་ལམ་ཅན་ལ་གསོལ་བ་འདེབས།
།ལྷོ་མཚམས་དྲི་མ་བྲལ་བའི་དཀྱིལ་འཁོར་དུ།
།རིག་གནས་ཀུན་མཁས་བློ་ལྡན་མཆོག་སྲེད་ཞབས།
།ཕྱི་ནང་བླ་མ་ཕོ་མོ་སྟོང་གིས་བསྐོར།
།མཁས་པ་ཀུན་གྱི་མེས་པོར་གསོལ་བ་འདེབས།
 
།ནུབ་སྟོད་བདེ་བ་ཆེན་པོའི་ཐོད་མཁར་དུ།
།འདོད་ཆགས་དབང་ཟིན་པདྨ་ཐོད་ཕྲེང་རྩལ།
།རྟ་མཆོག་རོལ་པའི་ཐུགས་རྗེ་དྲི་མ་མེད།
།ནུབ་ཕྱོགས་འདུལ་བའི་ཤུགས་ལ་གསོལ་བ་འདེབས།
།ནུབ་སྨད་ཨ་སུ་ར་ཡི་བྲག་ཆེན་དུ།
།ཐུབ་དབང་གཉིས་པ་ཤཱཀྱའི་སེངྒེ་ཉིད།
།བྱང་ཆུབ་སེམས་དཔའ་སུ་མི་ཏྲ་ཞེས་བྱ།
།རྒྱལ་བསྟན་སྐྱོང་བར་མཛད་ལ་གསོལ་བ་འདེབས།
།ནུབ་མཚམས་ཕྲིན་ལས་མངོན་གྱུར་ཕོ་བྲང་དུ།
།མུ་སྟེགས་ཚོགས་བསྒྲལ་སེངྒེ་སྒྲ་སྒྲོག་དཔལ།
།མི་གཤིགས་རྡོ་རྗེའི་སྟོབས་ཀྱིས་ནང་པ་སྐྱོང་།
།དམ་ཆོས་ཕན་བདེའི་བཅུད་ལ་གསོལ་བ་འདེབས།
 
།བྱང་སྟོད་གཡུང་དྲུང་བརྩེགས་པའི་གུར་ཁྱིམ་དུ།
།དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ།
།རྡོ་རྗེ་གཞོན་ནུའི་དབང་ཕྱུག་བདེ་བ་སྒྲུབ།
།བྱང་ཕྱོགས་འདུལ་བའི་དབང་ལ་གསོལ་བ་འདེབས།
།བྱང་སྨད་རང་བྱུང་རྫོགས་པའི་ཞལ་ཡས་སུ།
།ཆོས་ངན་སྤང་མཛད་པདྨ་སམྦྷ་ཝ།
།པཎ་ཆེན་ཚུལ་གྱིས་འགྲོ་བའི་རླུང་སེམས་བསྒྱུར།
།དོན་ལྡན་བླ་མ་ཉིད་ལ་གསོལ་བ་འདེབས།
།བྱང་མཚམས་འཛམ་གླིང་བོད་ཀྱི་མཆིམས་ཕུ་རུ།
།དབང་ཕྱུག་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ།
།བོད་དང་མོན་གྱི་ས་གཞི་རབ་བཏུལ་ནས།
།ལོག་འདྲེན་གཞོམ་མཛད་ཉིད་ལ་གསོལ་བ་འདེབས།
 
།དབུས་ཕྱོགས་སྤྲོས་བྲལ་ཀུན་བཟང་སྒྱུ་མའི་ཀློང་།
།དབུས་ཀྱི་ལས་སྒྲུབ་བུདྡྷ་ཐོད་ཕྲེང་རྩལ།
།དབུས་ཀྱི་དབང་བདག་ལྷ་མིའི་སྟོན་པ་སྟེ།
།དབུས་ཕྱོགས་འདུལ་བའི་རྒྱལ་པོར་གསོལ་བ་འདེབས།
།དེ་ལྟར་སློབ་དཔོན་འཆི་མེད་པད་འབྱུང་དང་།
།དཀྱིལ་འཁོར་ཕྱོགས་བཞིའི་སྟོད་ཀྱི་ཐོད་ཕྲེང་བཞི།
།སྨད་དང་མཚམས་ཀྱི་སྤྲུལ་པ་མཚན་ལྡན་བརྒྱད།
།ཡོངས་སུ་རྫོགས་པ་རྣམས་ལ་གསོལ་བ་འདེབས།
།ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོངས་ནས།
།དམ་པའི་ཆོས་ལ་གཡེལ་མེད་སྤྱོད་འགྱུར་ཅིག
།འཇིག་རྟེན་པ་ཡི་བརྩེ་གདུང་ཕྱིར་བོར་ནས།
།རྫོགས་སངས་རྒྱས་པའི་རྗེས་སུ་འབྲང་འགྱུར་ཅིག
 
།དུག་འདྲའི་ཆོས་བརྒྱད་དག་ལས་ཐར་འགྱུར་ཅིག
།ཉམས་དང་རྟོག་པ་ཡོངས་སུ་རྒྱས་འགྱུར་ཅིག
།གཞི་ལམ་འབྲས་གསུམ་བདེ་བ་ཐོབ་འགྱུར་ཅིག
།ཁམས་གསུམ་སེམས་ཅན་ཐམས་ཅད་གྲོལ་འགྱུར་ཅིག
།སངས་རྒྱས་བསྟན་པའི་རྒྱལ་མཚན་བརྟན་འགྱུར་ཅིག
།ཆོས་མཐུན་རྒྱལ་བློན་སྐུ་ཚེ་རིང་འགྱུར་ཅིག
།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས།
།གསུངས་པའི་ལུང་དང་རྟག་ཏུ་མཐུན་འགྱུར་ཅིག
།ཨེ་མ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།
།ངོ་བོ་བླ་མ་པདྨ་འབྱུང་གནས་ཏེ།
།ཐུགས་རྗེ་ཆེན་པོ་རོལ་པའི་བརྩེ་གར་ལས།
།བདག་སོགས་སེམས་ཅན་ཐམས་ཅད་འདུལ་མཛོད་ཅིག
 
།ཚེ་འདིར་སྒྲུབ་པ་རྫོགས་ནས་བསམ་གཏན་ཐོབ།
།འོད་གསལ་གཉིས་མེད་སྦྱོར་ནས་ཆོས་ཉིད་ཟད།
།ཕུང་པོ་ལྷག་མེད་འཇའ་ལུས་སྒྲུབ་འགྱུར་ནས།
།པདྨ་འོད་དུ་གུ་རུའི་ཞལ་འཇལ་ཤོག
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

དེ་ལྟར་མོས་གུས་དང་བཅས་གསོལ་བ་བཏབ་ན་དངོས་གྲུབ་འོང་བར་སྔར་གྱི་ཆོས་རྗེ་སརྦ་གུཔྟ་སོགས་ཀྱིས་གསུངས་པ་ཡོད། བདག་རྣལ་སྨྱོན་གཏེར་སྟོན་དྲི་མེད་ཀུན་བཟང་གླིང་པ་བཀྲ་ཤིས་དཔལ་ལྡན་ནམ། དུས་མཐའི་སྔགས་རྒན་འཆི་མེད་འགྲོ་འདུལ་རྩལ་རྡོ་རྗེ་མེ་འབར་ཞབས་ཀྱིས་སྨྲས་པ་ལགས་སོ།། །།
གུ་རུའི་གསོལ་འདེབས་ ཡིད་བཞིན་ནོར་བུའི་ཕྲེང་མཛེས།

Thank you Trulku Rinpoche

𝐁𝐡𝐮𝐭𝐚𝐧 𝐅𝐢𝐫𝐬𝐭: 𝐇𝐨𝐧𝐨𝐮𝐫 𝐎𝐮𝐫 𝐒𝐚𝐜𝐫𝐞𝐝 𝐇𝐞𝐫𝐢𝐭𝐚𝐠𝐞 𝐁𝐞𝐟𝐨𝐫𝐞 𝐋𝐨𝐨𝐤𝐢𝐧𝐠 𝐁𝐞𝐲𝐨𝐧𝐝

In our collective journey toward spiritual growth and inner peace, we, the people of Bhutan, must pause and reflect on the extraordinary wea...