འདིར་དཔལ་ལྡན་ལྷ་མོའི་སྒོ་ནས་ཕྲེང་མོ་འདེབས་ཚུལ་མདོ་ཙམ་བརྗོད་པ་ནི།
Here, the brief method of performing rosary divination through glorious goddess Palden Lhamo is explained:
ཕྲེང་བ་གྲངས་ཚང་བ་ཞིག་རང་གི་དཔྲལ་བར་བཟུང་ལ།
Hold a complete rosary at your forehead,
རང་ཉིད་ཡི་དམ་ལྷ་སྔགས་ཅུང་ཟད་རེ་བརྗོད་ནས་ཕྲེང་བར་ཕུ་བཏབ།
Recite your personal deity’s mantra briefly, then cast the rosary.
དེ་ནས། བྷྱོ:རབ་འབྱམས་རྒྱལ་བ་མས་གཏོར་འབུལ་བསྡུས་ཙམ་བྱས་པའི་མཐར།
Then, after offering a condensed bali cake with “BHYO” and invoking the Victors of the three times,
བྷྱོ་བདུན་མ་གང་མང་བཟླས།
Recite “𝗕𝗛𝗬𝗢” seven times or more.
བརྟག་བྱའི་དོན་ཡིད་ལ་བསམས་ནས་དམིགས་པ་མ་གཡེངས་པར་ཕྲེང་བར་ཕུ་བཏབ།
Focus unwaveringly on the matter to be divined, then cast the rosary.
མིག་ནམ་མཁའ་ལ་བགྲད་ནས་ཕྲེང་བ་གཅིག་བཅད།
With eyes gazing into space, cut the rosary once (in mid-air).
དེའི་གཡས་གཡོན་ནས་གསུམ་གསུམ་བགྲང་ལ་གང་ལྷག་དེ་ཤོ་མིག་ཇི་ལྟ་བ་བཞིན་དུ་བརྟག་པར་བྱ།
Count the beads in groups of three from both ends. The remainder determines the divination result as follows:
Interpretation Guide
གཅིག་ལྷག་བྱུང་ན་གཞི་མོ་བཟང་། །
ཅི་བསམ་དོན་ཀུན་འཕྲལ་དུ་འགྲུབ། །
རིམ་གྲོ་སྲུང་མའི་བསྐང་གཤགས་དང་༎
ནད་པའི་ནད་པར་དོན་དུ་ཚེ་སྒྲུབ་བྱ། །
𝟏 𝐛𝐞𝐚𝐝 𝐫𝐞𝐦𝐚𝐢𝐧𝐢𝐧𝐠: Excellent foundation.
All wishes swiftly fulfilled.
Perform: Protector kangshak rituals.
For the sick: Do longevity practices.
གཉིས་ལྷག་བྱུང་ན་གྲོགས་ཕྱྭ་བཟང་། །
དེ་མིན་ལས་ཀུན་འགྲུབ་པར་དཀའ༎
རིམ་གྲོ་རྣམ་སྲས་བསྐང་བ་དང་༎
གདུགས་ཤེར་བཟློག་བཅས་སྒྲུབས། །
𝟐 𝐛𝐞𝐚𝐝𝐬: Good companions.
Other tasks difficult to accomplish.
Perform: Namsé kangwa and
Repel with parasol and mirror.
གསུམ་ལྷག་བྱུང་ན་དོན་ཀུན་འགྲུབ།༎
ཁྱིམ་ཕྱྭ་ལ་ནི་མི་ནོར་འཕེལ། །
རིམ་གྲོ་གྲྭ་ཏོག་ཆ་གསུམ་དང་༎
ནད་པའི་ཆེད་དུ་གླུད་རྫོངས་བྱ། ༎
𝟑 𝐛𝐞𝐚𝐝𝐬: All purposes achieved.
People and wealth increase.
Perform: Trakthok cha-sum and
For the sick: Lü dzong exorcism.
བཞི་ལྷག་བྱུང་ན་དོན་མི་འགྲུབ། །
བྱ་བ་གང་ལའང་བར་ཆད་ཆེ༎
རིམ་གྲོ་གསུང་སྒྲོགས་དགྲ་ལྷ་མཆོད།༎
ནད་པར་མདོས་དང་གཏོར་མ་ཐོངས། །
𝟒 𝐛𝐞𝐚𝐝𝐬: Goals unfulfilled.
Great obstacles in all endeavors.
Perform: Sungdrak and enemy-god pujas.
For the sick: Offer dö and torma.
ལྔ་ལྷག་བྱུང་ན་གྲོགས་ཕྱྭ་འབྲིང་༎
དེ་མིན་ཀུན་ལ་ཤིན་ཏུ་བཟང་། །
རིམ་གྲོ་བསངས་དང་ཁྲུས་གསོལ་བྱ༎
ནད་པ་ཡིན་ན་ཆ་གསུམ་ཐོངས། །
𝟓 𝐛𝐞𝐚𝐝𝐬: Mediocre companions.
All else extremely favorable.
Perform: Sang purification and bathing rituals.
If sick: Offer cha-sum torma.
དྲུག་ལྷག་བྱུང་ན་གཞི་མོ་ངན། །
ནད་དང་གོད་ཁ་འབྱུང་བའི་ངོ་༎
རིམ་གྲོ་སྟོབས་ཆེན་བྱས་ན་བཟློག །
ནད་པར་འཆི་བསླུ་ཚེ་ཆོག་བྱ༎
𝟔 𝐛𝐞𝐚𝐝𝐬: Evil foundation.
Disease and conflict will arise.
Perform: Tobchen to repel.
For the sick: Do chi lu life-extending practice.
ཞེས་དཔལ་ལྡན་ལྷ་མོ་དམག་ཟོར་མའི་སྒོ་ནས་ཕྲེང་བ་རྣོ་མཐོང་སྒྲུབ་ཚུལ་འདི་ནི། ཤོ་ལུགས་རྒྱས་བསྡུས་སྣ་ཚོགས་མང་ཡང་རྒྱུན་འཁྱེར་ལག་ཏུ་བླངས་བདེ་བར་བཀོད་པ་འདི་ནི་ལྕགས་ར་ཆོས་རྗེས་དགོས་པ་དུ་མའི་རྒྱུ་མཚན་དང་བཅས་ཏེ་མཛད་པའོ། །
This method of clear rosary divination through glorious goddess Magzor Lhamo was composed by Jetsa Chöje for ease of daily practice, condensing numerous extensive divination systems at the request of many disciples.
Translated by Phub Dorji Wang for the promotion of Bhutanese Astrology.
“Tashi Delek”
“As Bodhicitta is so precious,
May those without it now create it.
May those who have it not destroy it,
And may it ever grow and flourish.”